ཇོ་བོ་རྗེ་དཔའ་ལྡན་ཨ་ཏི་ཤ།

འབྱུང་གནས།:རྒྱལ་སྐྱོངས་ཆོས་འཁོར་གླིང་། རྩོམ་པ་པོ།:ཡོངས་འཛིན་ཡེ་ཤེས་རྒྱན་མཚན། དུས་ཚོད།:2009-03-16 Tag: བཀོད་པ།:

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པ་ལ།

རྒྱ་ཆེན་སྤྱོད་རྒྱུད་དང་། ཟབ་མོ་ལྟ་རྒྱུད་གཉིས་སུ་གསུངས་ཤིང་། རྒྱ་ཆེན་སྤྱོད་་

རྒྱུད་ལ་ཡང་། རྒྱ་ཆེན་སྤྱོད་པའི་རྒྱུད་དང་རླབས་ཆེན་སྤྱོད་པའི་རྒྱུད་ཅེས་

གཉིས་སུ་གསུངས། དེའི་རླབས་ཆེན་སྤྱོད་པའི་རྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་

ཐར་འོག་ཏུ་སྟོན་ལ།

ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར་པ་ནི། ཡང་

དག་པར་རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་འཇམ་དཔལ་དབྱངས། དེ་

ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ལ་རིམ་བཞིན་བརྒྱུད་པ་ལ་ཟབ་མོ་ལྟ་རྒྱུད་ཅེས་གསུངས། དེ་ལ། སྨྲ་བ་ཟླ་བ་མེད་འདྲེན་མཆོག་ཤྰཀྱའི་ཏོག་

ཅེས་བསྔགས་པ་སྟོན་པ་ཐུབ་བའི་དབང་པོའི་རྣམ་པར་ཐར་པ་ནི་སྔར་བརྗོད་

ཟིན་པ་ལྟར་རོ། རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། ཞེས་

བསྔགས་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་

ནི་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལོང་སྟེ་སྐུའི་ཡོན་ཏན་གཅིག་པུའང་

ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་གསུང་དབྱངས་འགག་པ་མེད་པས་

རྒྱུན་མ་ཆད་པར་བསྐལ་པ་མུ་མེད་པའི་བར་དུ་བརྗོད་ཀྱང་ཟད་པའི་མཐའ་

མེད་ན། མཁའ་ཁྱབ་ཀྱི་སེམས་ཅན་ཐམསཅད་ཀྱིས་ཇི་ཙམ་བརྗོད་ཀྱང་ཡོན་

ཏན་ཆ་ཙམ་ཞིག་ཀྱང་བརྗོད་པར་ག་ལ་ནུས། དེ་ལྟར་ཡང་རྗེ་བདག་ཉིད་ཆེན

པོས།

བསོད་ནམས་ཚོགས་རབ་རབ་འབྱམས་རྒྱུ་ལསའཁྲུངས་པའི་སྐུ་མཆོག་

མཆོག་ཏུ་མརྫེས་པ་ཁྱེད་ཀྱི་སྐུ། ནམ་མཁའི་མཐས་གཏུགས་གཏུགས་པ་མེད་

པའི་ཞིང་མཆོག་ཀུན་དུ་དུ་མའི་འགྲོ་ལ་མིག་འཕྲུལ་བཞིན། ལ་ལར་བལྟམ་

ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱེད་ཀྱི་སྐུ་ཡི་ནི། བཀོད་

པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་

བརྗོད་མི་ནུས། ཞེས་གསུངས་པ་ལྟར་རོ། དེ་ལྟ་ནའང་བྱང་ཆུབ་ལམ་རིམ་ལ་

བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་

འདེབས་པའི་ཚེ།

ཡོན་ཏན་བསམས་ནས་དང་བ་བསྐྱེད་པའི་ཕྱིར་ཕྱོགས་ཙམ་

ཞིག་བརྗོད་པ་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྔོན་ཐུགས་བསྐྱེད་པའི་

ཚུལ་ནི། སྔོན་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་གདྒྰའི་ཀླུང་གི་བྱེ་མ་སྙེད་ཕྲག་

བདུན་འདས་པ་དེའི་ཡང་ཕ་རོལ་ན། འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་

པོ་ཞེས་པར་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ཞེས་པ་

འཇིག་རྟེན་དུ་བྱོན་པའི་ཚེ། རྗེ་བཙུན་འཇམ་དབྱངས་འདི་ཉིད་འཁོར་ལོས་

སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་པར་གྱུར་པ་ན། བུ་དང་། ཆུང་མ་དང་། གཉེན་འདབས་དང་འཁོར་དུ་བཅས་པ་ལ་ལས་གཞན་མེད་ཅིང་མ་སྐྱེས་པའི་སེམས་ཀྱིས་དེ་བཞེན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ཉན་ཐོས་

དང་།

བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ། ལོ་བརྒྱད་ཁྲི་བཞི་སྟོང་གི་

བར་དུ་མཆོད་ནས་དགེ་བའི་རྩ་བ་འདི། བརྒྱ་བྱིན་ནས། ཚངས་པའམ། ཉན་རང་ལ་སོགས་པ་གང་གི་དོན་དུ་བསྔོ་སྙམ་པ་ལ་སྟེང་གི་ནམ་མཁའ་ལས་

ལྷ་མང་པོས་སྒྲ་བསྒྲགས་པ། རྒྱལ་པོ་ཆེན་པོ་དེ་ལྟར་སེམས་མ་བསྐྱེད་པར་བླ་

ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་ཅེས་བསྐུལ་བ་དང་།

རྒྱལ་པོ་ནམ་མཁའ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུས་

ཡོངས་སུ་བསྐོར་ནས།

དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་

དྲུང་དུ་དོང་སྟེ་སྔར་གྱི་བྱུང་ཚུལ་ཞུས་ནས། ཐུབ་པ་ཇི་ལྟར་སེམས་བསྐྱེད་ན།

རྫོགས་པའི་བྱང་ཆུབ་སྐྱེས་པར་འགྱུར། ཡེ་ཤེས་དེ་ནི་གང་གིས་ཐོབ། དོན་དེ་

བདག་ལ་བསྟན་དུ་གསོལ། བྱང་ཆུབ་སེམས་ནི་བསྐྱེད་བྱེད་ཤིང་། ཐུབ་པ་ཁྱོད་

འདྲར་བདག་སྨོན། ཞེས་ཞུས་པ་ན། དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས

ཀྱིས་རྒྱལ་པོས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། འདུན་པའི་རྩ་ལ་རབ་

ཏུ་གནས། གང་གིས་སྨོན་ལམ་ཅི་བཏབ་པ།

དེ་འདྲའི་འབྲས་བུ་ཐོབ་པར་

འགྱུར། རྒྱལ་པོ་ངས་ཀྱང་སྔོན་ཆད་ནི། རྫོགས་པའི་བྱང་ཆུབ་སེམས་སྐྱེད་

འགྱུར།  སེམས་ཅན་ཀུན་ལ་ཕན་དོན་དུ། ངས་ནི་སྨོན་ལམ་དམ་པ་བཏབ།

སྨོན་ལམ་ཇི་ལྟར་བཏབ་ཚུལ་དུ། ངས་ནི་འབྲས་བུ་ཐོབ་པར་གྱུར། བྱང་ཆུབ་

དམ་པ་ངས་ཐོབ་པས། ང་ཡི་བསམ་པ་རྫོགས་པར་གྱུར། རྒྱལ་པོ་ཆེན་པོ་བརྟན

གྱིས་ལ། མི་འགྱུར་སེམས་ནི་བསྐྱེད་པར་གྱིས། གལ་ཏེ་སྤྱོད་པ་སྤྱད་བྱས་ན།

ཁྱེད་ཀྱང་ཡང་དག་སངས་རྒྱས་འགྱུར། ཞེས་གསུངས་ཤིང་སེམས་བསྐྱེད་པར་

བསྐུལ་བ་ན།འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནམ་མཁས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དབང་དུ་བཞག་སྟེ། དེ་བཞིན་གཤེགས་པ་འབྲུག་སྒྲའི་

དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སྙིང་སྟོབས་ཆེན་པོས་འདི་ལྟར་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་སྟེ།

འཁོར་བ་ཐ་མ་མེད་པ་ཡི། སྔོན་གྱི་ཐ་མ་ཇི་སྲིད་པ། དེ་སྲིད་སེམས་ཅན་ཕན་དོན་དུ། སྤྱོད་པ་དཔག་ཡས་སྤྱད་པར་བྱ། འཇིག་རྟེན་

མགོན་པོའི་སྤྱན་སྔར་འདིར། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དོ། འགྲོ་བ་

ཐམས་ཅད་མགྲོན་གཉེར་ཏེ། དབུལ་ཞིང་ཕོངས་ལས་སྒྲོལ་བར་བྱ། དེ་རིང་

ཕན་ཆད་གལ་ཏེ་ཡང་། བདག་གིས་འདོད་ཆགས་སེམས་བསྐྱེད་ན། ཕྱོགས་

བཅུ་དག་ན་གང་བཞུགས་པའི། སངས་རྒྱས་ཐམས་ཅད་བསླུས་པར་གྱུར། བྱང་

ཆུབ་ནམ་ཞིག་ཐོབ་བར་དུ། ཐ་བའི་སེམས་དང་གནོད་སེམས་དང་། ཕྲག་དོག་

དང་ནི་སེར་སྣ་ཡང་། དེ་རིང་ཕྱིན་ཆད་མི་བྱའོ། ཚངས་པའི་སྤྱོད་པ་བདག་

གིས་སྤྱད། སྡིག་པའི་འདོད་པ་ཡོངས་སུ་བཏང་། ཚུལ་ཁྲིམས་སྡོམ་དང་དེས་པ་

ལ། སངས་རྒྱས་རྗེས་དུ་བསླབ་པར་བྱ། བདག་ནི་བྱང་ཆུབ་རིངས་ཚུལ་དུ།

འཚང་རྒྱར་མོས་ཤིང་སྤྲོ་བ་མེད།

ཕྱི་མཐར་ཐུག་གི་བར་དུ་ཡང་། སེམས་ཅན་

གཅིག་ཕྱིར་སྤྱད་པར་བྱ། ཚད་མེད་བསམ་གྱི་མི་ཁྲབ་པའི། སངས་རྒྱས་ཞིང་ནི་

སྦྱང་བར་བྱ། ཕྱོགས་རྣམས་བཅུ་པོ་ཐམས་ཅད་དུ། བདག་གི་མིང་ནི་ཐོས་པར་

བྱ། བདག་གིས་བདག་ལ་ལུང་བསྟན་ཏེ། སངས་རྒྱས་འགྱུར་བར་དོགས་པ་

མེད། བདག་གི་ལྷག་བསམ་རྣམ་པར་དག ། བདག་དབང་འདི་ན་འདྲེན་པ་

རྣམས། ལུས་དང་ངག་གི་ལས་རྣམས་ཀྱང་། རྣམ་པ་ཀུན་ཏུ་བདག་གིས་སྦྱང་།

ཡིད་ཀྱི་ལས་ཀྱང་སྔྱང་བར་བྱ། མི་དགེའི་ལས་ནི་སྤྱད་མི་བྱ།  ཞེས་ཐུགས་

བསྐྱེད། བཅོམ་ལྡན་འདས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་བརྒྱ་སྟོང

་གྲངས་མ་འཆིས་པ་ནས་ཉེ་བར་བཟུང་སྟེ། བདག་གིས་སྨོན་ལམ་བཏབ་པ་ནི།

ནམ་བདག་གིས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་

སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་བསྟས་ན།

སངས་རྒྱས་བཅོམ་ལྡན་འདས་

གང་ཇི་ཉིད་པ་དེ་དག་ཐམས་ཅད་བདག་གིས་བྱང་ཆུབ་ལ་ཡང་དག་པར་

དཙུན་པ་དང་། བདག་གིས་བྱང་ཆུབ་ལ་ཀྱི་སེམས་ལ་བཀོད་པ་དང་། བདག་

གིས་སྦྱན་པ་ལ་ཡང་དག་བཙུན་པ་དང་དེ་བཞིན་དུ་བདག་གིས་ཚུལ་ཁྲིམས་དང་བཟོད་པ་དང། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བསྐུལ་བ་དང་། བདག་གིས་རྗེས་སུ་བསྟན་པར་གྱུར་པར་མ་མཐོང་བ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་པ་ཡང་དག་པརྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་འཚང་རྒྱ་བར་མི་བྱའོ།

ནམ་བདག་གིས་སངས་རྒྱས་ཀྱི་སྤྱན་སྒྲིབ་

པ་མེད་པས་ཕྱོགས་བཅུར་རྣམ་པར་བལྟས་ཀྱང་། བདག་གིས་སངས་རྒྱས་ཉིད་

ལ་མ་བཀོད་བའི་དེ་བཞིན་གཤེགས་པ་དེ་ལྟ་བུ་གང་ཡང་མཐོང་བར་མ་གྱུར་པ་དེའི་ཚེ་བདག་ཀྱང་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་མངོན་

པར་འཚང་རྒྱ་བར་བྱའོ་ཞེས་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་བོ། དེ་ནས་

རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་སྔོན་སྲོགས་ཆགས་གྲངས་མེད་པ་དེ་

བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སེམས་བསྐྱེད་

དུ་བཅུག་ནས་སྤྱིན་སོགས་ཕར་ཕྱིན་དྲུག་གི་ལམ་སྒོམ་པ་ལ་སྦྱར་ཏེ་སྨིན་པར་

བྱས་ནས་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ།

སངས་རྒྱས་གཅིག་མ་

གཏོགས་གཞན་ཐམས་ཅད་མྱ་ངན་ལས་འདས་ཟིན། གཅིག་ནི། འཇིག་རྟེན་

གྱི་ཁམས་འདི་ནས་འོག་ཏུ་དཔག་ཚག་གདྒྰའི་ཀླུང་བཞི་ཁྲི་བཞི་སྟོང་གི་བྱེ་མ་

སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་སའི་དབྱིངས་ཞེས་བྱ་བ་ན་ད་ལྟ་ཡང་

བཞུགས་ཏེ་དེ་བཞིན་གཤེགས་པ་སའི་ལྷ་ཞེས་བྱའོ། གཞན་ཡང་རྗེ་བཙུན་

འཇམ་དབྱངས་འདི་ཉིད། ཆོས་སྒྲ་བ་ཆོས་ཀྱི་མཚན་དུ་གྱུར་པའི་ཚེ། བདག་ཅག་གི་སྟོན་པ་ཤྰཀྱའི་རྒྱལ་པོ་ལ་སོགས་བསྐལ་བཟང་གི་སངས་རྒྱས་

སྟོང་པོ་ཐམས་ཅད་བྱང་ཆུབ་ཕྱོགས་ཏུ་ཐུགས་སྐྱེད་དུ་བཅུག་སྟེ་དགེ་བའི་

བཤེས་གཉེན་མཛད་པ་ཡིན་ཏེ། དབུ་མ་ལ་འཇུག་པའི་རང་འགྲེལ་ལས། ཡོངས་སུ་འཛིན་པའི་ཁྱད་པར་ལས་ནི་འཕགས་པ་འཇམ་དཔལ་བྱང་ཆུབ་

སེམས་དཔར་གྱུར་པ་ཉིད་ཀྱིས།

 དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པ་དང་

གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཆེས་ཐོག་མ་ཁོ་ན་ར་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པར་འདོན་པ་ཡིན་ནོ། ཞེས་གསུངས་པའི་ཕྱིར།

གཞན་ཡང་། རྗེ་བཙུན་འཇམ་དབྱངས་འདི་ཉིད་ཀྱི་ཐབས་མཁས་པ་ཆེན་པོས

བྱང་ཆུབ་ཏུ་སེམས་བསྐྱེད་བཅུག་སྟེ་སངས་རྒྱས་ནས་ཆོེས་ཀྱི་འཁོར་ལོ་བསྐོར་བའི་སངས་རྒྱས་དེ་དང་དེའི་མཚན་རྐྱང་པ་བརྗོད་ཀྱང་བསྐལ་པ་བས་ལྷག་

པར་མི་ཟད་ཅིང་། འཇམ་དཔའ་གྱིས་བྱང་ཆུབ་ཏུ་བཙུན་པའི་སངས་རྒྱས་

རྣམས་ཀྱིས་འཇམ་དཔལ་ལ་དྲིན་གཟོའི་ཚུལ་དུ་གདུགས་སོགས་བསྐུར་བས་

སྟོང་གསུམ་ཁེབས་པར་བྱུང་།

ཡང་ལན་གཅིག་སྤུལ་པའི་ཁྱིམ་བདག་ཅིག་གིས

་བཅོམ་ལྡན་འདས་ལ་ལྷུང་བཟེད་ཟས་ཀྱིས་བཀང་སྟེ་ཕུན་བ་ན། འཇམ་དཔའ

་གྱིས། བཅོམ་ལྡན་ལ་ཞལ་ཟས་ཀྱི་ཕུད་མ་བསྕལ་བར་གསོལ་ན་བྱས་པ་མི་

གཟོ་བར་འགྱུར་རོ་ཞུས་པས། འཁོེར་གཞན་རྣམས་འཇམ་དཔའ་འདིས་

བཅོམ་ལྡན་འདས་ལ་གང་དུ་ཕན་བཏགས་བསམས་པ་ན། སྟོན་པའི་ལྷུང་

བཟེད་འོག་ཏུ་སོང་སྟེ་འཇིགས་རྟེན་གྱི་ཁམས་གདྒྰའི་བྱེ་སྙེད་བདུན་ཅུ་རྩ་

གཉིས་འདས་པའི་འཇིག་རྟེན་དུ་སོང་བ་ན་མཆོག་ཟུང་སོགས་ལ་ལྷུང་བཟེད་ཚོལ་བར་བཀའ་སྩལ་པས། འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་གཉིས་ཚུན་དུ

་བཙལ་ཀྱང་མ་རྙེད་པ་དང་འཇམ་དཔའ་རང་ལ་བཀའ་གནང་བས་་འཇམ་

འཇམ་གྱིས་སྟན་དེ་ལ་འདུག་བཞིན་དུ་ལག་པ་བརྐྱངས་ནས་ལྷུང་བཟེད་

བླངས་ནས་ཕུལ་ལོ།

འཇམ་དཔའ་གྱིས་སྟོན་པ་ལ་ཕན་བཏགས་ཚུལ་དངོས་

ནི། སྔོན་དེ་བཞིན་གཤེགས་པ་མི་ཐུབ་རྒྱལ་མཚན་འཇིག་རྟེན་དུ་བྱོན་པའི་ཚེ་

རྗེ་བཙུན་འཇམ་དཔའ་དགེ་སློང་ཡེ་ཤེས་རྒྱལ་པོར་གྱུར་པས་ལྷུང་བཟེད་ཟས་

ཀྱིས་བཀང་སྟེ་བསྣམས་པ་ལ་བདག་ཅག་གི་སྟོན་པ་ཁྱེའུ་དྲི་མེད་དཔུང་པར་གྱུར་པས་སློངས་པས་ཟས་བྱིན་ནས།

དེ་བཞིན་གཤེགས་པ་མི་ཐུབ་རྒྱན་མཚན་

གྱི་དྲུང་དུ་ཁྲིད་ནས་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་བཅུག་པས་ཕན་བཏགས་པའོ། ཡང་རྒྱལ་པོ་མ་སྐྱེས་དགྲས་ཕ་གཟུགས་ཅན་སྙིང་བོ་

བསད། སྟོན་པ་ལ་གླང་ཆེན་རྦད། དགེ་འདུན་ཕོ་མོའི་འཚོ་བ་བཅད། དགྲ་བཅོམ་མ་སེར་སྐྱ་བཟང་མོ་ཆུང་མར་དབང་མེད་དུ་བཀུག་པ་སོགས་ཀྱི་སྡིག་པ་ཆེན་པོ་བྱས་པས་འགྱོད་དེ་སྟོན་པ་ལ་སྡིག་པ་དང་འགྱོད་པ་སེལ་བར་ཞུས་པས།

སྟོན་པས་རྗེ་བཙུན་འཇམ་དབྱངས་མ་ཏོགས་གཞན་གྱིས་ཁྱོད་ཀྱི་

འགྱོད་པ་དང་ཐེ་ཚོམ་སེལ་བར་མི་ནུས་གསུངས་པས། རྒྱལ་པོས་འཕགས་པ་

འཇམ་དཔའ་དང་། འོད་སྲུངས་གཉིས་རྒྱལ་པོའི་ཁབ་ཏུ་གདན་འདྲེན་པར་

མཛད་འདོད་ནས་ཤྰ་རིའི་བུ་ལ། འཕགས་པ་འཇམ་དཔའ་ལ་འཁོར་དུ་

མཆིས་དྲིས་པས། ལྔ་བརྒྱའོ་ཟེར་བ་ལ། རྒྱལ་པོས་འཇམ་དཔའ་དང་། འོད་སྲུང་གཉིས་རྒྱལ་པོའི་ཁབ་ཏུ་གདུགས་ཚོད་ལ་གཤེགས་པར་ཅི་གནང་

ཞུས་པས་ཞན་གྱི་བཞེས་ནས། དེའི་སྲོད་ལ་ཤར་ཕྱོགས་སུ། དེ་བཞིན་གཤེགས་

པ་བསྒྲགས་པའི་དཔའ་གྱི་དྲུང་དུ་བྱོན་ཏེ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་

ཉིས་སྟོང་ཁྲིད་ནས་ཞིང་འདིར་བྱོན་ནས་འཁོར་རྣམས་སྲོད་དང་། གུང་དང་།

ཐོ་རང་ཆོས་བསྟན་ཏེ་འཇམ་དཔའ་འཁོར་བརྒྱ་དང་།

འོད་སྲུངས་འཁོར་ལྔ་

བརྒྱ་དང་བཅས་པ་རྒྱལ་པོའི་ཁབ་ཏུ་གཤེགས་པ་ན། རྒྱལ་པོས་སྟོང་གི་བཤོས་

གྲབས་ལས་མ་ཆུད་པས་རྒྱལ་པོ་སྤ་འཁྲུམས་པ་ན་གནོད་སྦྱིན་ཀུ་བེ་རས་ལུས་དངོས་སུ་བསྟན་ནས། རྒྱལ་པོ། འཕགས་པ་འཇམ་དཔའ་ནི་ཐབས་ལ་མཁས་

པས་ཟས་གཅིག་གིས་ཀྱང་ཐམས་ཅད་ཁྱབ་པར་བྱེད་པས་མ་འཁུམས་ཤིག་

ཅེས་དབུགས་དབྱུང་།

 དེ་ནས་གདུགས་ཚོད་ལ་འབབ་པ་ན། འཁོར་འདི་དག་

ལ་ལྷུང་བཟོད་མི་སྣང་བས་འབྲས་ཆན་གང་དུ་བླུགས་ཟེར་བ་ལ་འཇམ་དཔའ་

གྱིས་ངའི་འཁོར་འདི་དག་ནམ་ཟ་བ་ན་རང་རང་གི་ཞིང་ནས་ལྷུང་བཟོད་

འདིར་འོང་ངོ་ཞེས་གསུངས་མ་ཐག་འཁོར་དེ་དག་རྣམས་ལ་རང་རང་གི་

ལག་ཏུ་ལྷུང་བཟེད་བྱུང་ཞིང་ཟོས་ཟིན་ནས་ལྷུང་བཟོད་རྣམས་མཁའ་ལ་

འཕགས་ཏེ་སོང་། རྒྱལ་པོས་བཤམས་པའི་བཟའ་བཏུང་རྣམས་ཅུང་ཟད་ཀྱང་

ཉུང་དུ་མ་སོང་བས་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། དེ་ནས་འཕགས་པ་འཇམ་དཔའ་གྱིས་རྒྱལ་པོ་ལ་སྡིག་པ་དང་འགྱོད་པའི་ངོ་བོ་ཇི་ལྟར་འདུག་ལྟོས་ཤིག་ཅེས་སོགས་དོན་དམ་ལ་སྦྱར་བའི་ཆོས་གསུངས་

པས་རྒྱལ་པོའི་འགྱོད་པ་དང་ཐེ་ཚོམ་ཐམས་ཅད་བསལ་བས། རྒྱལ་པོས་འཕགས་པ་འཇམ་དཔའ་ལ་ཡོན་དུ་རིན་པོ་ཆེའི་གོས་ཞིག་ཕུལ་བ་ན་འཇམ་དཔའ་མ་མཐོང་ནས་མྱང་ངན་དུ་གྱུར་པ་ལ། སུ་འདུག་འདུག་ལ་

ཕུལ་ཅིག་ཟེར་བའི་སྒྲ་ཞིག་བྱུང་བ་ན་འོད་སྲུངས་སོགས་ལ་ཕུལ་བས་ཀྱང་སུ་ཡང་མ་མཐོང་ཞིང་། མཐར་རང་རང་མ་མཐོང་བས་བདག་ཏུ་འདུ་ཤེས་པའི་

རྣམ་རྟོག་དང་འཕགས་བྲལ་ནས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་དུ་སོང་།

ཏིང་ངེ་འཛིན་ལས་ལངས་པ་དང་འཕགས་པ་འཇམ་དཔའ་ལ་སོགས་དངོས་སུ་མཐོང་ངོ་།

ཡང་། སྔོན་མཚམས་མེད་ཀྱི་ལས་བྱས་པའི་ལས་ཀྱི་ལྷག་མ་ཅུང་ཟད་ཡོད་པ་

སྤྱོད་པའི་བྱང་སེམས་ལྔ་འདུག་པས་དེ་དག་གི་དམིགས་པ་དང་བྲལ་བར་བྱ་

བའི་ཕྱིར་། འཕགས་པ་འཇམ་དཔའ་གྱིས་ཕྱག་གཡས་ཀྱིས་རལ་གྲི་བླངས་པ་

བརྡར་ནས་བཅོམ་ལྡན་འདས་ག་ལ་བ་དེར་བརྒྱུགས་པ་དང་། བཅོམ་ལྡན་

འདས་ཀྱིས་ང་ནི་བསད་ཟིན་གྱིས་ཐོངས་ཤིག་གསུངས་པས་དམིགས་པ་ལ་

སྤྱོད་པའི་བྱང་སེམས་ལྔ་པོ་དེས་བདག་ཏུ་དམིགས་པ་བསད་ནས་མེད་པར་གོ།

ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཏེ། འཕགས་པ་འཇམ་དཔའ་འདི་ནི་ཐབས་མཁས་པའོ་ཞེས་སོགས་ཀྱིས་བསྟོད་

ནས་ནམ་མཁར་འཕགས་ཏེ། ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། ཡོངས་སུ་རྟོག་པས་

ཀུན་ནས་བསྐྱེད། འདི་ལ་གྲུབ་པ་མ་མཆིས་ཏེ། ཆོས་འདི་ཐམས་ཅད་སྟོང་པ་

ལགས། ཞེས་སྨྲས་སོ། ཡང་འཕགས་པ་འཇམ་གྱིས་སྟོང་པ་ཉིད་ལས་བཙམས་

ནས་སེམས་ནང་ན་ཡོང་མེད། ཕྱི་རོལ་ན་ཡང་མེད། བར་ན་ཡང་མེད་པས། དེ་

ལ་ནི་ཅི་ཡང་གྲོལ་རྒྱུ་ཡང་མེད། ཐོབ་པ་ཡང་མེད། མངོན་པར་རྟོགས་མེད་དོ་

གསུངས་པས་དེ་ཐོས་པ་ཙམ་གྱིས་དགེ་སློང་མང་པོ་རྣམ་པར་གྲོལ།

དགེ་

སློང་ཁ་ཅིག་དེའི་དོན་ལ་མ་དད་ནས་ཅི་ཡང་གྲོལ་རྒྱུར་ཡང་མེད་ན་འོ་སྐོལ་ཆོས་བྱས་པ་ལ་དོན་མི་འདུག་པས་འདོང་ཟེར་ནས་སོང་ངོ་། ཡང་འཕགས་

པ་འཇམ་དཔའ་གྱིས་དེ་རྣམས་འདུལ་པའི་ཕྱིར་སྤྲུལ་པའི་དགེ་སློང་ཅིག་སྤྲུལ་ཏེ་བཏང་བས། དེ་རྣམས་དང་ལམ་དུ་ཕྲད་པས་ཁོང་རྣམས་ན་རེ། དགེ་སློང་

གར་འགྲོ་ཟེར། སྤྲུལ་པའི་དགེ་སློང་ན་རེ། ང་ནི་འཇམ་གྱིས་ཆོས་བསྟན་པ་ལ་

མ་མོས་ཡིད་མ་ཆེས་ནས་འགྲོ་ཟེར། ཁོང་རྣམས་ན་རེ། ངེད་ཀྱང་འཇམ་དཔའ་

གྱིས་ཆོས་བསྟན་པ་ལ་མ་མོས་ཡིད་མི་ཆེས་ནས་འགྲོ་བ་ཡིན་པས་འདོང་ཟེར།

དེར་སྤྲུལ་པ་ན་རེ། ཁྱེད་ཀྱིས་འཇམ་དཔའ་གྱིས་ཆོས་ཇི་སྐད་བསྟན་པ་ལ་མ་

དད་ཟེར། གྲོལ་རྒྱུ་ཡང་མེད། ཐོབ་རྒྱུ་ཡང་མེད་ཟེར་བ་ནས་མ་དད་ཟེར།

སྤྲུལ་པ་ན་རེ། འོ་ན་ཁྱེད་ཀྱི་རྟོགས་རྒྱུ་དང་གྲོལ་རྒྱུ་དེ་གྲུ་བཞི་འམ་ཟླུམ་པོ་

འམ་ནར་མོ་ལ་སོགས་པ་དབྱིབས།

དཀར་པོ་ལ་སོགས་པ་ཁ་དོག་ཕྱི་དང་ནང་

ལ་སོགས་པ་ཇི་ལྟར་འདུག་ལྟོས་ཤིག་གསུངས་པས། ཁོང་རྣམས་ཀྱིས་བཏགས་

དོན་བཙལ་བས་མ་རྙེད་པས། སྤྲུལ་པ་ན་རེ། དེ་ལ་བསམས་ནས་འཇམ་དཔའ་

གྱིས་གྲོལ་རྒྱུ་ཡང་མེད། ཐོབ་རྒྱུ་ཡང་མེད་མངོན་པར་རྟོགས་རྒྱུ་ཡང་མེད་པར་

གསུངས་པ་ཡིན་ནོ། བྱས་པས་དགེ་སློང་དེ་དག་ཐམས་ཅད་སེམས་རྣམ་པར་

གྲོལ་བར་གྱུར་ཏེ་སླར་ལོག་ནས་འཕགས་པ་འཇམ་དཔའ་ལ་བརྙེན་བཀུར་

ཕུན་སུམ་ཚོགས་པ་བྱས་པ་སོགས་ཐབས་མཁས་པའི་མཛད་པའི་སྒོ་ནས་

སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་དོ།

ཡང་ལན་ཅིག་འཕགས་འཇམ་དཔའ་གྱིས་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་ཁྲིད་དུ་དབྱར་གནས་པ། རྒྱལ་བྱེད་ཚལ་དུ་བྱོན་པ་ལ། དགེ་སློང་འོད་སྲུངས་

མ་རངས་པས་འཇམ་དཔའ་་ལ་སྐྲོད་པའི་ལས་བྱ་བའི་ཕྱིར་གཎྡི་བརྡུངས་པ་ན།ཕྱོགས་བཅུའི་ཞིང་ཐམས་ཅད་འཇམ་དཔའ་གྱིས་གང་བར་མཐོང་བ་དང་། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ། ཁྱེད་ཀྱིས་འཇམ་དཔའ་གྲངས་མེད་པ་

འདི་དག་གི་ནང་ནས་གང་སྐྲོད་འདོད་གསུངས་པས་འོད་སྲུངས་སྐྱེངས་ཏེ།

གཎྡི་བོར་བར་འདོད་ཀྱང་འཇོག་མ་ཐུབ་པས་སྒྲ་རྒྱུན་མི་འཆད་པར་བྱུང་བས། འཇམ་དཔའ་ལ་བཟོད་པར་གསོལ་བ་དང་གཎྡ་བཞག་ཐུབ་བོ།

གཞན་ཡང་འཕགས་གང་པོས་གཅེར་བུ་པ་བདེན་པ་པོ་སོགས་མུ་སྟེགས་བྱེད་མང་པོ་བདེན་པ་མཐོང་བའི་སྣོད་དུ་གཟིགས་ནས་ཆོས་བསྟན་ཀྱང་མི་ཉན་

ཞིང་མ་ཐུལ་བར་ལུས་པ་ན། འཕགས་པ་འཇམ་དཔའ་གྱིས་སྤྲུལ་པ་ལྔ་བརྒྱ་བཀྱེ་ནས་བཏུལ་བ་སོགས་ཀྱི་

གཏམ་རྒྱུད་ཡོད་དོ། འོ་ན་ཕགས་པ་འཇམ་དཔའ་འདི་ད་ལྟ་བྱང་སེམས་རང་

རྒྱུད་པ་ཡིན་ནམ་སངས་རྒྱས་ཟིན་གང་ཡིན་སྙམ་ན། འདི་ཉིད་སྔོན་དེ་བཞིན་

གཤེགས་པ་ཀླུ་རིགས་མཆོག་ཏུ་སངས་རྒྱས་པ་དང་། མདོ་ཁ་ཅིག་ཏུ་ཀླུ་རིགས་

སྒྲོན་མར་སངས་རྒྱས་པར་གསུངས། གཞན་ཡང་། འཕགས་པ་འཇམ་དཔའ་

གྱིས་རབ་འབྱོར་ལ། ཁོ་བོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ་

བྱ་བའི་རྒྱུན་བཅན་པ་ནི་མ་ཡིན་ནོ། ཞེས་རྒྱུ་མཚན་དང་བཅས་པ་གསུངས་ཤིང་།འཇམ་དཔའ་ཞིང་བཀོད་ཀྱི་མདོ་

ལས་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་སོ། འདི་བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་སོ། འདི་སངས་རྒྱས་ཀྱི་

ས་ཡོངས་རྫོགས་སོ། ཞེས་སོགས་མང་དུ་གསུང་གསུངས། དེ་ལྟར་སངས་རྒྱས་

ཟིན་ཀྱང་སླར་ཡང་རྡུལ་མེད་ཡང་དག་བསགས་པ་ཞེས་བྱ་བའི་ཞིང་རྒྱལ་བ་ཀུན་ཏུ་གཟིགས་སུ་འཚང་རྒྱ་བའི་ཚུལ་སྟོན་ཏོ། ཞིང་དེ་ནི་ལྷོ་ཕྱོགས་སུ་འབྱུང་

ཞིང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ཀྱང་དེའི་ཁོངས་སུ་ཆུད་པར་

གསུངས།

ཞིང་དེའི་རྒྱ་ཁྱོན་ནི་གདྒྰའི་ཀླུང་དུ་མའི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་

པ་འོག་གཞི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཞིང་དེར་མི་ཁོམ་པ་དང་། སྡུག་བསྔལ་མི་དགེ་བའི་སྒྲ་དང་། སྐྱོན་དུ་འགྱུར་བའི་སྒྲ་མེད་ཅིང་། སྒྲ་འབྱུང་

བ་རྣམས་ཀྱང་ཆོས་ཀྱི་སྒྲར་འབྱུང་། སངས་རྒྱས་ཀྱི་ཞིང་གཞན་གྱི་སྣོད་ཀྱི་ཡོན་

ཏན་ཀུན་འདིའི་སྣོད་ཀྱི་ཞིང་ལ་ཚང་བ་ཡིན་ལ། ཞིང་དེའི་དབུས་ན། བྱང་ཆུབ་ཀྱི་ཤིང་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་འཇིག་རྟེན་གྱི་ཁྱོན་དང་

མཉམ་པ། དེའི་རྩ་བར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རེན་པོ་ཆེའི་

ཁྲིའི་སྟེང་ན་རྒྱལ་བ་ཀུན་ཏུ་གཟིགས་སྐུ་མདོག་གསེར་བཙོ་མ་ལྟ་བུ་རྡོ་རྗེའི་

སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཕྱགས་གཡས་སྐྱབས་སྦྱིན་གཡོན་མཉམ་

གཞག་མཛད་པ། སྐུའི་ཚད་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དང་ལྡན་པ། ཞིང་

དེའི་གདུལ་བྱ་རྣམས་ཀྱིས་སྐུ་བལྟ་བར་འདོད་ཚེ། ཁྲིའི་སྟེང་ན་སྐུ་བཞུགས་པ།

རང་གི་མདུན་དུ་བཞུགས་པར་མཐོང་བའི་ལ།

ཆོས་ཞུ་མི་དགོས་པར་ཆོས་ཀྱི་ཚིག་དོན་མཐའ་དག་ཁོང་དུ་ཆུད་ནས་མཁས་པར་འགྱུར་བ་ཡིན། ཞིང་དེ་ན། ཉན་རང་དང་། བུད་མེད་དང་། མངལ་ནས་

སྐྱེ་བ་མེད་ཅིང་། ཞེ་སྡང་དང་། ཐ་བ་དང་འཆབ་པ་མེད་པར་ཚངས་པར་སྤྱོད་

པའི་ཆ་ལུགས་ཅན། ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་པ། རྫུས་ཏེ་སྐྱེ་བ། སྐུ་དཔག་ཚད་བཞི་ཁྲི་ཉིས་སྟོང་ཡོད་པ་བྱང་ཆུབ་སེམས་དཔའ་ཤ་སྟག་མངོན་ཤེས་ལྔ་དང་ལྡན་པ། བཟའ་བཏུང་ཡིད་འདོད་པའི་ཚེ་རོ་མཆོག་དང་ལྡན་པའི་བཟའ་བཏུང་གིས་གང་བའི་སྣོད་ལག་པ་གཡས་པར་འབྱུང་། དེ་ཡང་གཞན་ལ་ཕུད་བར་རང་

གིས་སྤྱོད་པ་ཚུལ་མ་ཡིན་ནོ་སྙམ་ནས་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་ལ་ཕུལ། ཕོངས་ཤིང་སྡུག་བསྔལ་བ་དང་ཡི་དྭགས་རྣམས་ཚིམ་པར་བྱས་ཏེ། རང་གི་

ཞིང་དུ་འོངས་ནས་ལོངས་སྤྱོད་པར་བྱེད་ཅིང་། དེ་བཞིན་དུ་གོས་དང་ལོངས་

སྤྱོད་གཞན་ལ་ཡང་དེ་ལྟར་བྱེད་དོ། དེས་ན་སངས་རྒྱས་གཞན་ཐམས་ཅད་ཀྱི་

མཚན་བརྗོད་པ་ལས། འཕགས་དཔའ་འཇམ་གྱི་མཚན་བརྗོད་པ་ཕན་ཡོན་ཆེ་

ཞིང་།           དེ་བས་ཀྱང་རྒྱ་བ་ཀུན་ཏུ་གཟིགས་ཀྱི་མཚན་བརྗོད་པ་ཕན་ཡོན་ཆེ་བ་ཡིན་ཏེ། ཞིང་བཀོད་ཀྱི་མདོ་ལས། རིགས་ཀྱི་བུ་དག་སབས་རྒྱས་བྱེ་བ་ཕྲག་ཁྲིག་ཕྲག་

འབུམ་གྱིས་མཚན་བརྗོད་པ་བས་ནི་གང་གིས་འཇམས་དཔའ་གཞོན་ནུར་

གྱུར་བའི་མིང་བརྗོད་པ་བསོད་ནམས་ཆེས་མང་བསྐྱེད་ན།བཅོམ་ལྡན་འདས་ཀུན་ཏུ་གཟིགས་ཀྱི་མཚན་བརྗོད་པ་ལྟ་ཅི་སྨོས།དེ་ཅིའི་ཕྱིར་ཞེ་ན་འཇམ་

དཔའ་གཞོན་ནུར་གྱུར་བསྐལ་པ་རེ་རེ་ཞིང་།

སེམས་ཅན་གྱི་དོན་ཇི་སྙེད་དུ་བྱས་པའི་སེམས་ཅན་གྱི་དོན་དེ་ནི། སངས་རྒྱས་

བྱེ་བ་ཕྲག་ཁྲིག་འབུམ་གྱིས་ཀྱང་མ་མཛད་དོ། ཞེས་གསུངས་པའི་ཕྱིར། འོ་ན། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་། ཀུན་གཟིགས་ཀྱི་ཞིང་གཉིས་གང་

ཁྱད་པར་འཕགས་ན། བདེ་བ་ཅན་གྱི་ཡོན་ཏན་ནི་རྒྱ་མཚོ་ཆེན་པོ་ནས་སྐྲའི་

ཙེ་མོས་བླངས་པའི་ཆུ་ཐིགས་གཅིག་ཙམ། ཀུན་ཏུ་གཟིགས་པའི་ཞིང་གི་ཡོན་

ཏན་ནི་རྒྱ་མཚོའི་ཆེན་པོའི་ཆུའི་མང་ཉུང་ལྟ་བུ་ཡིན་ནོ། འོ་ན། རྒྱལ་བ་ཀུན་ཏུ་གཟིགས་པའི་ཞིང་ཁམས་ལྟ་བུ་གཞན་ཡོད་དམ་མེད་སྙམ་ན་ཡོད་དེ།

དེ་བཞིན་གཤེགས་པ་ཀུན་གཟུགས་ཀྱི་ཞིང་དང་།དེ་བཞིན་གཤེགས་པ་ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་མངའ་བ་རྒྱ་མཚོའི་རྒྱལ་པའི་ཞིང་སྨོན་ལམ་རབ་ཏུ་གནས་པ་མངོན་པར་འཕགས་པ་གཉིས་ལ་ཡོན་ཏན་ལྷག་ཆད་མེད། གཞན་ཡང་རྒྱ་བ་ཀུན་ཏུ་གཟིགས་པའི་ཞིང་ཁམས་ལྟ་བུ་ཡོད་དེ། བྱང་ཆུབ་སེམས་དཔའ་དབང་པོ་ཞི་བ་དང་། བྱང་ཆུ་སེམས་པའི་སྨོན་ལམ་བློ་གྲོས་རྣམས་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡང་དེ།དང་འདྲ་བར་འབྱུང་བར་གསུངས་པའི་པས་བྱང་ཆུབ་སེམས་དཔའ་བརྒྱད་ཁྱི་བཞི་སྟོང་གིས་ཀྱང་། འཕགས་པ་འཇམ་དཔའ་གྱི་ཞིང་ལྟར་འགྲུབ་པའི་སྨོན་ལམ་བཏབ་པས། དེ་དག་གི་ནང་ནས་བྱང་ཆུབ་སེམས་དཔའ་བཅུ་དྲུག་གིས་འཕགས་པ་དཔའ་གྱི་ཞིང་ལྟར་འགྲུབ་ཅིང་།ལྟག་མ་རྣམས་ཀྱིས་དེ་ལྟར་མི་འགྲུབ་ཀྱང་བདེ་ཅན་ལྟར་འགྲུབ་པར་གསུངས་སོ། འོ་ན། བདེ་ཅན་གྱི་གདུལ་བྱ་དང་། རྒྱལ་བ་ཀུན་ཏུ་གཟིགས་པའི་གདུལ་བྱ་ལ་མང་ཉུང་གི་ཁྱད་པར་ཇི་ལྟར་ཡོད་ན་ཁྱད་ཡོད་དེ། བདེ་ཅན་ན་ཉན་ཐོས་ཡོད་ཅིང་། རྒྱ་བ་ཀུན་ཏུ་གཟིགས་པའི་

ཞིང་ཁམས་རྡུལ་མེད་ཡང་དག་བསགས་ན། འཁོར་བྱང་སེམས་དཔའ་ཤ་སྟག་

ལས་ཉན་རང་མེད།

བདེ་བ་ཅན་གྱི་ཞིང་གི་གདུལ་བྱ་ནི་རྒྱ་བ་ཀུན་ཏུ་གཟིགས་ཀྱི་ཞིང་གི་གདུལ་

བྱ་ལ་ལྟོས་ན་ཏིལ་གྱི་ལྗང་པ་ཞིག་ཏིལ་འབྲུ་གཅིག་ལྟ་བུ།

རྒྱ་བ་ཀུན་ཏུ་གཟིགས་པའི་ཞིང་གདུལ་བྱའི་གྲངས་རྗང་ནང་གི་ཏིལ་བྱིངས་པོ། ཙམ་གྱི་ཚོད་ཡིན་པར་གསུངས། གཞན་ཡང་རྒྱལ་བ་ཀུན་ཏུ་གཟིགས་པའི་

ཞིང་ཁདམས་སུ་སྐྱེ་བར་སྨོན་ལམ་བཏབ་པར་འགྲོ་ཞིང་། འཇམ་དཔའ་དང་།

རྒྱལ་བ་ཀུན་ཏུ་གཟིགས་ལ་ཡི་དམ་བྱས་པས་མདོ་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་ཡི་དམ་བྱས་པར་འགྲོ་བར་གསུངས་སོ། དེས་ན་ཞིང་དེར་སྐྱེ་བའི་རྒྱུའི་

གཙོ་བོ་ནི། ཞིང་དེའི་ཡོན་ཏན་ཡིད་ལ་ཡང་ཡང་སེམས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྤྱོད་པ་ཕྱིན་དྲུག་གི་གསལ་བའི་དབྱེ་བ་མཐའ་

དག་ལ་སློབ་པ། འཕགས་པ་འཇམ་དཔའ་དང་། རྒྱལ་བ་ཀུན་གཟིགས་ཀྱི་མཚན་ནས་བརྗོད་པ། སྔགས་བཟླ་བ། དེ་གཉིས་ཀྱི་ས

སྐུ་བཞེང་བ། དེའི་གསུང་རབ་དྲི་བ་ཀློག་སོགས་བྱ་བ་ཡིན་ནོ།

དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་ན་རྣམས་ཀྱིས་རྗེ་བཙུན་

འཇམ་དཔའ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་བསམ་

ནས་དད་གུས་ཆེན་པོས་གསོལ་བ་འདེབས་པ་ཤིན་ཏུ་གལ་ཆེ་སྟེ། སྤྱིར་བྱང་

ཆུབ་ལམ་རིམ་ལ་གོ་བ་ཆགས་པ་དང་། ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྒྱས་དགོས་ལ། ལྷག་པར་ཟབ་མོ་དབུ་མའི་ལྟ་བ་ཕུ་ཐག་ཆོད་པ་ཞིག་རྙེད་པ་ལ་སོ་

སོར་རྟོག་པའི་ཤེས་རབ་ཤིན་ཏུ་གསལ་ཞིང་རྣོ་བ་ཞིག་དགོས།

ཤེས་རབ་དེ་ལྟ་བུ་ཞིག་སྐྱེ་བ་ལ་བླ་མ་དང་རྗེ་བཙུན་འཇམ་དཔའ་དབྱངས་

དབྱེར་མ་མཆིས་པ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ་སྟེ་སེམས་རྒྱུད་ལ་བྱིན་རླབས་ཞུགས་པ་དགོས།

ཞེས་མགོན་པོ་འཇམ་དཔའ་དབྱངས་ཀྱིས་རྗེ་བདག་ཉིད་ཆེན་པོ་ལ་དངོས་སུ་གདམས་པ་ལྟར་ཡིན་པས་ན་རྗེ་བཙུན་འཇམ་དཔའ་དབྱངས་ལ་གསོལ་བ་ཤུགས་དྲག་འདེབས་ཤིང་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་འབད་པར་བྱའོ།།


དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ0
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།